top of page
Search

༄། །དགེ་རྒན་ཉིན་མོ་སྲུང་བརྩི་ཞུ་།

Writer: Purushothama S KPurushothama S K

༄། །ལོ་ལྟར་ཕྱི་ཟླ་ ༩ ཚེས་ ༥ ཉིན་རྒྱ་གར་རྒྱལ་ཡོངས་སུ་དགེ་རྒན་ཉིན་མོ་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། སློབ་གྲྭའི་སློབ་ཕྲུག་ཡོངས་ནས་དེ་ཉིན་གྱི་མཛད་སྒོ་གོ་སྒྲིག་ཞུས་པའི་མཛད་རིམ་གཤམ་གསལ། ༡༽ ཞོགས་པའི་ཆུ་ཚོད་ ༨།༣༠ ཐོག་སློབ་གྲྭའི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་ཡོངས་རྫོགས་འཛོམས་རྗེས་སློབ་སྤྱི་མཆོག་ནས་ཌོག་ཊར་རཱ་དྷཱ་ཀྲིཥྞ་མཆོག་གི་སྐུ་དཔར་མདུན་དུ་དཀར་མེ་ཞལ་ཕྱེ་གནང་བ་དང་། ཀེཀ་(cake)གཏུབས་གནང་སྟེ་ཉིན་མོ་དང་འབྲེལ་བའི་གསུང་བཤད་གནང་


༢༽ སློབ་གྲྭའི་སྤྱི་ཁྱབ་འགན་བདག་ནས་སློབ་ཕྲུག་གི་ཚབ་བྱས་ཏེ་དགེ་ལས་ཡོངས་ལ་ཉིན་མོའི་འཚམས་འདྲི་ཞུས་པའི་གཏམ་བཤད་གནང་། ༣༽ དེ་ནས་སློབ་ཕྲུག་ཚོས་དགེ་ལས་རྣམས་ཀྱི་ཆེད་རྩེད་རིགས་འདྲ་མིན་གོ་སྒྲིག་ཞུས་པ་ལྟར། དགེ་ལས་ཡོངས་ནས་དེ་དག་གི་ནང་སྤྲོ་སྣང་ཆེན་པོས་ཆ་ཤས་བླངས། ༤༽ དེ་རྗེས་དགེ་ལས་རུ་ཁག་དང་སློབ་ཕྲུག་རུ་ཁག་བར་དབྱུག་རྩེད་པོ་ལོ་(T20 cricket)རྩེད་འགྲན་དབུ་འཛུགས་ཞུས། ༥༽ ཕྱེད་ཡོལ་ཆུ་ཚོད་ ༡།༠༠ ཐོག་སློབ་ཕྲུག་དང་ཕ་འཐུས་ནས་དགེ་ལས་སློབ་ཕྲུག་ཡོངས་ཀྱི་ཆེད་རོ་བརྒྱ་ལྡན་པའི་དགུང་ཚིག་གོ་སྒྲིག་གནང་། ༦༽ ཕྱེད་ཡོལ་ཆུ་ཚོད་ ༢།༠༠ ཐོག་ཚོགས་ཁང་དུ་སློབ་ཕྲུག་རྣམ་པས་འདས་པའི་ཉིན་ཤས་རིང་འཛིན་གྲྭ་སོ་སོའི་ངོས་ནས་སྦྱོང་བརྡར་གྲ་སྒྲིག་བྱས་པའི་གནའ་དེང་གི་གཞས་སྣ་ལེའུ་ ༡༩ དགེ་ལས་མི་མང་ཡོངས་ལ་གཟིགས་འབུལ་ཞུས། ༧༽ མཐར་སློབ་གྲྭའི་སློབ་སྤྱི་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་དགེ་ལས་མི་མང་སློབ་ཕྲུག་ཡོངས་ནས་སྒོར་གཞས་འཁྲབས་ཏེ་མཛད་སྒོ་མཇུག་བསྒྲིལ། དེ་རིང་དགེ་རྒན་ཉིན་མོར་སློབ་གྲྭའི་སྤྱི་ཁྱབ་འགན་བདག་གིས་འཁུར་བླངས་ཏེ་སློབ་ཕྲུག་དང་ཕ་འཐུས་ནས་གཞས་སྣ་འཁྲབ་སྟོན་དང་། རོ་བརྒྱ་ལྡན་པའི་གསོལ་ཚིག དེ་བཞིན་རྩེད་རིགས་འདྲ་མིན་གོ་སྒྲིག་གནང་བར་སྦེལ་ཀོབ་སཾ་བྷོ་ཊའི་དགེ་ལས་ཡོངས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་གནང་ཞུ།།

 
 

Recent Posts

See All

Comments


bottom of page