༄། །ཕྱི་ལོ་ ༢༠༢༠ ཟླ་ ༢ ཚེས་ ༡ ཉིན་འཛིམ་རིམ་བཅིུས་སློབ་ཕྲུག་ནང་ནས་སློབ་དུས་འདིའི་སློབ་གྲྭའི་སྤྱི་ཁྱབ་འགན་བདག་འོས་འདེམས་བྱས། དེ་སྐབས་འགན་བདག་འོས་མི་རྣམ་པས་སྐར་མ་གཉིས་རེའི་གཏམ་བཤད་གནང་རྗེས་དགེ་ལས་སློབ་ཕྲུག་ཡོངས་ནས་འོས་ཤོག་འཕངས་མཐར། བུའི་སྤྱི་ཁྱབ་འགན་བདག་བུ་བསྟན་འཛིན་ཀུན་དགའ་’ཀ’དང་། བུ་མོའི་སྤྱི་ཁྱབ་འགན་བདག་བུ་མོ་བསྟན་འཛིན་མཁའ་འགྲོ་’ཁ’། བུའི་སྤྱི་ཁྱབ་འགན་བདག་གཞོན་པ་བུ་བསྟན་འཛིན་ཆོས་རྒྱལ་དང་། བུ་མོའི་སྤྱི་ཁྱབ་འགན་བདག་གཞོན་པ་བུ་མོ་བསྟན་འཛིན་ལྷ་མོ་བཅས་འདེམས་ཐོན་བྱུང་། བརྒྱུད་རིམ་འདིའི་བརྒྱུད་སློབ་ཕྲུག་ཡོངས་ནས་མང་གཙོའི་འོས་འགན་དང་ཐོབ་ཐང་གི་གལ་གནད་མྱོང་ཚོར་བྱུང་བའི་རེ་བ་དང་། དགེ་ལས་སློབ་ཕྲུག་ཡོངས་ནས་འདེམས་ཐོན་བྱུང་བའི་འགན་བདག་རྣམ་པར་འཚམས་འདཉརི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།། །།

Comments