༄། །འདི་ཟླའི་ཚེས་ ༢༦ རེས་གཟའ་མིག་དམར་ཞོགས་པའི་ཆུ་ཚོད་ ༩།༠༠ ཐོག་སཾ་བྷོ་ཊ་སྦེལ་ཀོབ་སློབ་གྲྭ་དབུས་མ་དང་། ཡན་ལག་གཞི་རིམ་འོག་མའི་སློབ་གྲྭ་གསུམ། སྔོན་འགྲོ་སློབ་གྲྭ་གསུམ་བཅས་ཀྱི་དབུ་འཛིན་དགེ་ལས་ཚང་འཛོམས་ཐོག་རྒྱ་གར་མང་གཙོའི་ཉིན་མོ་ ༧༢ པ་སྲུང་བརྩི་ཞུས། དཔལ་ལྡན་སློབ་སྤྱི་མཆོག་ནས་ཉིན་མོ་དང་འབྲེལ་བའི་བཀའ་སློབ་ཟབ་རྒྱས་གནང་།།
མཛད་སྒོ་གྲོལ་མཚམས་ཞོགས་པའི་ཆུ་ཚོད་ ༩།༣༠ སློབ་སྤྱི་དགེན་ཟླ་བ་བཀྲ་ཤིས་ལགས་དབུ་བཞུགས་ཐོག་གོང་གསལ་དགེ་ལས་རྣམས་ཀྱི་ཚོགས་འདུར་བྱུང་བའི་གནད་དོན་ཁག་གཤམ་གསལ།
༡༽ ཨར་ལི་ཀུ་མཱ་རི་སྔོན་འགྲོ་སློབ་གྲྭའི་འགན་འཛིན་དགེན་སྐྱིད་པ་ལགས་ནས་ལས་བསྡོམས་དང་མ་འོངས་ལས་འཆར་མདོར་བསྡུས་ཤིག་གསུངས།
༢༽ ཀཻ་ལཱཤ་པུ་ར་སྔོན་འགྲོ་སློབ་གྲྭའི་འགན་འཛིན་དགེན་མཚོ་མོ་ལགས་ནས་ལས་བསྡོམས་དང་ལས་འཆར་སྙིང་བསྡུས་ཤིག་གསུངས།
༣༽ གུ་ལ་ཐ་ལ་སྔོན་འགྲོ་སློབ་གྲྭའི་འགན་འཛིན་དགེན་ཨོ་རྒྱན་ཆོས་འཛོམས་ལགས་ནས་ལས་བསྡོམས་དང་ལས་འཆར་མདོར་བསྡུས་ཤིག་གསུངས།
༤༽ ཨར་ལི་ཀུ་མཱ་རི་གཞི་རིམ་འོག་མའི་དགེ་ཆེ་དགེན་རྣམ་རྒྱལ་གྲགས་པ་ལགས་ནས་འདས་པའི་ལོའི་ལས་བསྡོམས་དང་། འདི་ལོའི་ལས་འཆར། དེ་བཞིན་ལས་གཞི་ཅི་འདྲ་གནང་དང་གནང་མུས་ཡིན་པ་གསུངས།
༥༽ ཀཻ་ལཱཤ་པུ་ར་གཞི་རིམ་འོག་མའི་དགེ་ཆེ་དགེན་བྱམས་པ་ཆོས་དར་ལགས་ནས་ཀྱང་འདས་ལོའི་ལས་བསྔོམས་དང་། མ་འོངས་འཆར་གཞི། ལས་གཞི་གང་གནང་དང་གནང་མུས་ཡིན་པ་གསུངས།
༦༽ གུ་ལ་ཐ་ལ་གཞི་རིམ་འོག་མའི་དགེ་ཆེ་དགེན་ཕུར་བུ་སྒྲོལ་མ་ལགས་ནས་ ༢༠༢༠ ལོའི་ལས་བསྡོམས་དང་། འདི་ལོའི་ལས་འཆར། ལས་གཞི་ཅི་འདྲ་གནང་དང་གནང་མུས་ཡིན་པ་གསུངས།
༧༽ སློབ་གྲྭ་དབུས་མའི་སློབ་སྤྱི་དགེན་ཟླ་བ་བཀྲ་ཤིས་ལགས་ནས་ལས་དགེ་ལས་ཚོས་ཕྱག་ལས་གནང་ཕྱོགས་དང་། ཀུན་སློང་ཁྱེར་ཕྱོགས། སྒྲིག་འཛིགས་གལ་ཆེ་ཡིན་སྐོར། དེ་བཞིན་སྒྲིག་གཞི་གཞིར་བཟུང་སྟེ་ཕྱག་ལས་གནང་གལ་ཆེ་བ། སློབ་ཕྲུག་སློབ་འཇུག་དང་རྩིས་ཁྲ་ཉར་ཕྱོགས། ནད་ཡམས་ཀྱི་དུས་སྐབས་འདིར་དགེ་ལས་སློབ་ཕྲུག་ཡོངས་ཀྱི་འཕྲོས་བསྟེན་དོ་ལྕག་གནང་དགོས་པ་བཅས་གསུངས།
༨༽ མཐར་རྒྱལ་རབས་དགེན་སྐལ་བཟང་བག་བྲོ་ལགས་ནས་ཐུགས་རྗེ་ཆེ་གསུངས་ཏེ་ཚོགས་འདུ་གྲོལ།།










コメント