top of page
Search

ཡིག་རྒྱུགས་གྲུབ་འབྲས་སྒྲོགས་སྦྱང་ཞུས།

Writer: sambotha tibetansambotha tibetan

༄། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༢༧ རེས་གཟའ་ཟླ་བའི་ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༡།༠༠ ཐོག་སློབ་གྲྭའི་ཚོགས་ཁང་དུ་སློབ་གྲྭའི་སློབ་སྤྱི་དང་། ཕ་མའི་འཐུས་ཚབ། དེ་བཞིན་དགེ་རྒན་ལས་བྱེད་དང་། སློབ་ཕྲུག་ཕ་མ་དང་བཅས་པ་ཚང་འཛོམས་ཐོག་ཉེ་ལམ་ལེགས་གྲུབ་ཟིན་པའི་འཛིན་གྲྭ་ ༦ ནས་ ༨ པའི་བར་གྱི་ལོ་ཕྱེད་ཡིག་རྒྱུགས་(Half Yearly Exam)དང་། འཛིན་གྲྭ་ ༩ དང་། ༡༠། ༡༢ བཅས་ཀྱི་དུས་ཚིགས་གཉིས་པ།(2nd PT) འཛིན་རིམ་ ༡༡ གི་དུས་ཚིགས་དང་པོའི་(1st PT)གྲབ་འབྲས་དང་། དེ་བཞིན་འཛིན་རིམ་ ༦ ནས་ ༡༠ དང་། ༡༢ བཅས་ཀྱི་དུས་ཚིགས་དང་པོའི་(1st PT)གྲུབ་འབྲས་སྒྲོགས་སྦྱང་ཞུས།

ཡིག་རྒྱུགས་དོ་དམ་པ་དགེན་སྐལ་བཟང་བག་གྲོ་ལགས་ནས་ཡིག་རྒྱུགས་གཏོང་ཕྱོགས་དང་འབྲེལ་བའི་གཏམ་བཤད་གནང་རྗེས། སློབ་གྲྭའི་སློབ་སྤྱི་མཆོག་ནས་དགེ་ལས་སློབ་ཕྲུག་ཕ་མ་བཅས་ཀྱི་ངོས་ནས་སློབ་ཕྲུག་ཚོའི་ཤེས་ཡོན་དང་བཟང་སྤྱོད་གོང་མཐོར་ཇི་ལྟར་གཏོང་དགོས་མིན་གྱི་བླང་དོར་བཀའ་སློབ་ཟབ་རྒྱས་གནང་།།






 
 

Recent Posts

See All

Comments


bottom of page