top of page
Search

༄། ཡིག་རྒྱུགས་སྔོན་ལ་གྲ་སྒྲིག་ཇི་ལྟར་བྱེད་དགོས་པ་དང་།

Dec 6, 2022
1 min read

༄། །འཛིན་གྲྭ་དྲུག་པ་ནས་དགུ་པའི་བར་གྱི་ལོ་འཁོར་ཡིག་རྒྱུགས་དང་། འཛིན་གྲྭ་བཅུ་གཅིག་གི་དུས་ཚིགས་ཡིག་རྒྱུགས་གཉིས་པ། འཛིན་གྲྭ་བཅུ་པ་དང་བཅུ་གཉིས་ཀྱི་ཚོད་རྒྱུགས་དང་པོ་བཅས་སླེབས་ལ་ཉེ་བས། འདི་ཟླའི་ཚེས་ ༢༢ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཐོག་སློབ་སྤྱིས་དབུས་པའི་དགེ་ལས་སློབ་ཕྲུག་བཅས་སློབ་གྲྭའི་ཚོགས་ཁང་དུ་འཛོམས་ཏེ། སློབ་སྤྱི་དང་དགེ་རྒན་རྣམ་པས་ཡིག་རྒྱུགས་སྔོན་ལ་གྲ་སྒྲིག་ཇི་ལྟར་བྱེད་དགོས་པ་དང་། ཡིག་རྒྱུགས་གཏོང་བའི་ཉིན་དྲི་ཤོག་ལེགས་པར་ཀློག་དགོས་པ། དེ་བཞིན་དྲི་བར་ལན་འབྲི་སྐབས་གནད་དོན་གང་དག་ཡིད་ལ་འཇོག་དགོས་པ་སོགས་ཀྱི་ལམ་སྟོན་བཀའ་སློབ་ཟབ་རྒྱས་གནང་བ་དང་། མཐར་སློབ་ཕྲུག་ཚོའི་དོགས་པ་དང་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་།།




 
 
 

Recent Posts

See All
ཤེས་ཡོན་མཁས་ཆེན་སྐལ་བཟང་དབང་འདུས་མཆོག་གིས་འདི་གའི་དགེ་རྒན་རྣམས་ལ་གནང་བའི་ཟབ་སྦྱོང་གི་མཛད་སྒོའི་སྣང་བརྙན།

ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་རྒྱབ་ཆུ་ཚོད་ ༢།༠༠ ནས་ ༤།༣༠ བར་ཤེས་ཡོན་སློབ་གསོ་བ་སྐལ་བཟང་དབང་འདུས་ལགས་ཀྱིས་འདི་གའི་དགེ་རྒན་རྣམ་པར་ཟབ་སྦྱོང་དང་ལམ་སྟོན་གཟབ་རྒྱས་གནང་ཡོད། དེའི་ནང་དོན་གཙོ་བོ་ཁག་གཤམ་གསལ་ལྟར་ཡིན། ༡.

 
 
 

Comments


bottom of page