༄། །རྒྱ་གར་རྒྱལ་ཡོངས་སུ་རྒྱ་གར་གྱི་སྲིད་བློན་དང་པོ་པཎྜིཏ་ཇཝཱ་ཧར་ལཱལ་ནེཧ་རུ་མཆོག་གི་འཁྲུངས་སྐར་ཉིན་བྱིས་པའི་ཉིན་མོ་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། འདི་ཟླའི་ཚེས་ ༡༤ རེས་གཟའ་ཟླ་བའི་ཉིན་སློབ་གྲྭའི་སློབ་སྤྱིས་དབུས་པའི་དགེ་ལས་ཡོངས་ནས་འདས་པའི་ཉིན་མང་རིང་གྲ་སྒྲིག་བྱས་པའི་བོད་ཀྱི་གླུ་གར་དང་། དེེང་རབས་ཀྱི་གཞས་སྣ་ཁག་འཁྲབ་སྟོན་གནང་བ་དང་། སློབ་ཕྲུག་ནང་ཁུལ་རྩེད་རིགས་འདྲ་མིན། ཡང་ཉིན་རྒྱབ་སློབ་ཕྲུག་གི་རྐང་སྤོལ་རྩེད་འགྲན་གོ་སྒྲིག་ཞུས་ཏེ་བྱིས་པའི་ཉིན་མོའི་སྲུང་བརྩི་ལེགས་གྲུབ་བྱུང་།
དཔལ་ལྡན་ཤེས་རིག་བཀའ་བློན་གྱི་གསུང་འཕྲིན་ནང་ཇི་ལྟར་གསུངས་པ་ལྟར་བོད་ཕྲུག་ཚོས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་དང་བཀའ་སློབ་ཡིད་ལ་བཅངས་ཏེ་མ་འོངས་བོད་ཀྱི་འཛུགས་བསྐྲུན་ལ་འབད་དགོས་སོ།
སྦེལ་ཀོབ་སཾ་བྷོ་ཊའི་དགེ་ལས་ཡོངས་ནས་བྱིས་པའི་ཉིན་མོར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།།


Comentarios