top of page
Search

55th SCHOOL ANNUAL SPORTS DAYST CELEBRATION .

Writer: Purushothama S KPurushothama S K

༄། །ཤེས་ཡོན་དང་འཕྲོད་བསྟེན་གཉིས་ལག་ཟུང་འབྲེལ་ནས་འགྲོ་དགོས་པ་ནི་སྨྲོས་མི་དགོས་པ་ཞིག་ཡིན་པས། འདི་ཟླའི་ཚེས་ ༡༥ རེས་གཟའ་སྤེན་པའི་ཉིན་གྱི་ཞོགས་པ་ཆུ་ཚོད་ ༨།༣༠ ཐོག་སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེའི་ངེས་སྟོན་པ་སྐུ་ཞབས་དོན་གྲུབ་ཚེ་རིང་མཆོག་དང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་མཛད་གཙོ་རྣམ་པ། དགོན་སྡེ་ཁག་གི་ཕྱག་མཛོད་དང་། སྐུ་མགྲོན་རྣམ་པ་དབུ་བཞུགས་ཐོག་སྦེལ་ཀོབ་སཾ་བྷོ་ཊ་སློབ་གྲྭ་དབུས་མ་དང་། ཡན་ལག་སློབ་གྲྭ་གསུམ། སྔོན་འགྲོ་སློབ་གྲྭ་གསུམ་བཅས་ཀྱི་ལོ་འཁོར་རྩེད་འགྲན་ཐེངས་ ༥༥ པ་དབུ་འཛུགས་ཞུས། སློབ་གྲྭའི་སློབ་ཕྲུག་རྣམ་པས་རྒྱུགས་མཆོང་འཕེན་གསུམ་གྱི་རྩེད་འགྲན་ཁག་ལ་བཟང་སྤྱོད་དང་མཐུན་པའི་ངང་མཉམ་ཞུགས་གང་ཐུབ་གནང་བར་སློབ་གྲྭའི་དགེ་ལས་ཡོངས་ནས་བསྔགས་བརྗོད་དང་། ཤེས་བྱ་ཡོན་ཏན་ནི་དཔེ་དེབ་རྐྱང་པ་ལས་མིན་པར། ཉིན་རེའི་འཚོ་བའི་ཁྲོད་ཀྱི་བྱ་ལས་ཁག་དང་། སློབ་གྲྭའི་བྱེད་སྒོ་དག་ལས་ཀྱང་འཐོབ་རྒྱུ་ཡོད་པ་དོན་དངོས་ཐོག་སློབ་ཕྲུག་ཚོས་མྱོང་ཚོར་བྱུང་ཡོད་པའི་ཡིད་ཆེས་དང་བཅས།།



 
 

Recent Posts

See All

Commentaires


bottom of page