༄། །འདི་ཟླའི་ཚེས་ ༣ རེས་གཟའ་པ་སངས་ཉིན་གྱི་ཚོགས་ཐུན་ཐ་མ་གཉིས་ཀྱི་སྐབས་སློབ་གྲྭའི་ཚོགས་ཁང་དུ་ཁང་ཚན་བཞིའི་དབར་གྱི་བོད་སྐད་རྩོད་གླེང་གོ་སྒྲིག་ཞུས། འཛིན་གྲྭ་དྲུག་པ་ནས་བརྒྱད་པའི་བར་གྱི་སྡེ་ཚན་ནང་གི་རྩེ་ཕུད་སློབ་ཕྲུག་གསུམ་ནི། ༡༽ བསྟན་འཛིན་མཚུངས་མེད། འཛིན་གྲྭ་བདུན་པ། མཱན་ས་རོ་ཝར་ཁང་ཚན། ༢༽ བསྟན་འཛིན་དབང་ལྡན། འཛིན་གྲྭ་བརྒྱད་པ། ཀཻ་ལཱཤ་ཁང་ཚན། ༣༽ སྒོམ་བཀྲ་ཤིས། འཛིན་གྲྭ་བརྒྱད་པ། ཨ་ཤོ་ཀ་ཁང་ཚན།

འཛིན་གྲྭ་དགུ་པ་ནས་བཅུ་གཉིས་བར་གྱི་སྡེ་ཚན་ནང་གི་རྩེ་ཕུད་སློབ་ཕྲུག་གསུམ་ནི། ༡༽ བསྟན་འཛིན་སྐལ་བཟང་། འཛིན་གྲྭ་བཅུ་པ། རཱ་ཧུལ་ཁང་ཚན། ༢༽ བསྟན་འཛིན་དར་རྒྱས། འཛིན་གྲྭ་བཅུ་གཉིས། ཨ་ཤོ་ཀ་ཁང་ཚན། ༣༽ བསྟན་འཛིན་སྒྲོལ་མ། འཛིན་གྲྭ་བཅུ་པ། ཨ་ཤོ་ཀ་ཁང་ཚན། དང་། ཡེ་ཤེས་ལྷ་མོ་ནག་ཚང་། འཛིན་གྲྭ་བཅུ་པ། མཱན་ས་རོ་ཝར་ཁང་ཚན། ཕྱི་ལོ་ ༢༠༢༢ ལོའི་བོད་སྐད་རྩོད་གླེང་ནང་གི་ཁང་ཚན་བཞིའི་ཨང་རིམ་ནི། དང་པོ། མཱན་ས་རོ་ཝར་ཁང་ཚན། གཉིས་པ། ཨ་ཤོ་ཀ་ཁང་ཚན། གསུམ་པ། ཀཻ་ལཱཤ་ཁང་ཚན། བཞི་པ། རཱ་ཧུལ་ཁང་ཚན། བཅས་ཡིན།།
Comments