top of page
Search

Activity

Writer: STS BYLAKUPPESTS BYLAKUPPE

༄། །ཟླ་ ༡༡ ཚེས་ ༢ རེས་གཟའ་སྤེན་པའི་ཉིན་གྱི་ཚོགས་ཐུན་ཐ་མའི་སྐབས་དབྱིན་དགེ་བསྟན་འཛིན་བདེ་ཆེན་ལགས་ནས་དགེ་སློབ་ཡོངས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གཏམ་བཤད་བྱེད་སྒོ་དང་བཅས་སྤེལ་གནང་།

འཛིན་གྲྭ་རེ་ནས་སློབ་ཕྲུག་གཉིས་རེ་བདམས་ནས་རང་ཉིད་སྨྲ་མི་ཤེས་པའི་བྱོལ་སོང་ཡིན་ཁུལ་གྱིས་བྱོལ་སོང་དེ་ཉིད་ཀྱི་སྒྲ་བསྒྲགས་ནས་རང་གི་ཟླ་བོ་འཚོལ་བའི་བྱེད་སྒོ་སྤེལ། བྱེད་སྒོའི་ནང་དུ་ཡོད་པའི་སློབ་ཕྲུག་ཚོར་བྱེད་སྒོ་དེ་བྱེད་སྐབས་བྱོལ་སོང་ལ་དཀའ་ངལ་ཇི་ཙམ་ཡོད་མིན་ཤེས་རྟོགས་བྱུང་ཡོད་པ་དང་། རང་ཉིད་སྨྲ་ཤེས་དོན་གོ་མིའི་ལུས་བསླངས་བར་དགའ་བ་སྒོམ་དགོས་པ། དེ་བཞིན་སྨྲ་མི་ཤེས་པའི་དུས་འགྲོར་སྙིང་རྗེ་སྒོམ་སྟེ་གང་ཐུབ་ཕན་བཏགས་དགོས་པའི་ལམ་སྟོན་གནང་།།





 
 

Recent Posts

See All

Comments


bottom of page