top of page
Search

བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་མི་སློབ་དཔོན་ཆེན་མོ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་མཆོག་འདི་སློབ་ཏུ་ཆེད་ཕེབས་ཀྱིས་ཞོགས་འཛོམས་ཀྱི་ལས་རིམ་ཁག་ལ་གཟིགས་ཞིབ་གནང་ཞིང་།

ཕྱི་ལོ་ ༢༠༢༦ ཟླ་ ༠༧ ཚེས་ ༢༣ ཉིན། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་མི་སློབ་དཔོན་ཆེན་མོ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་མཆོག་འདི་སློབ་ཏུ་ཆེད་ཕེབས་ཀྱིས་ཞོགས་འཛོམས་ཀྱི་ལས་རིམ་ཁག་ལ་གཟིགས་ཞིབ་གནང་ཞིང་། སློབ་ཕྲུག་རྣམས་ལ་ང་ཚོ་ཡོད་ས་ནི་རྒྱ་གར་ཡིན་པ་དང་། ང་ཚོ་ནི་བོད་པ་ཡིན་པ། རྒྱ་མིས་བོད་ལ་བཙན་འཛུལ་བྱས་པའི་རྐྱེན་གྱིས་ང་ཚོ་ནི་བཙན་བྱོལ་བར་གྱུར་ཡོད་པ། ང་ཚོ་འགྲོ་ས་ནི་བོད་ལས་གདམ་ཁ་གཞན་མེད་པ། ང་ཚོ་ནི་བརྒྱ་ཕྲག་ཉེར་གཅིག་པའི་ཤེས་ཡོན་ལྡན་པའི་ཤེས་ཡོན་ཅན་གྱི་བོད་མི་ཚད་ལྡན་རེ་ཆགས་པར་བྱས་ནས་བོད་དུ་འགྲོ་དགོས་པ་སོགས་ཀྱི་བླང་དོར་བཀའ་སློབ་གནང་། དེའི་རྗེས་འཛིན་ཁང་ཁག་ཏུ་ཕེབས་ཏེ་སློབ་འཁྲིད་གཟིགས་ཞིབ་གནང་བ་དང་། སྡེ་ཚན་ཁག་ལ་གཟིགས་སྐོར་དུ་ཕེབས། དགེ་ལས་རྣམས་ལ་ཡང་ཐོག་མར་ཤེས་ཡོན་ལྷན་ཚོགས་ཀྱི་བྱུང་རིམ་དང་། ཚོགས་མིའི་གྲུབ་ཆ། ལས་འགན་བཅས་ངོ་སྤྲོད་གནང་བ་དང་། དྲན་སྐུལ་གྱི་ཚུལ་དུ། དགེ་རྒན་ནི་མིའི་ཀླད་པ་ལ་བཟོ་ལྟ་བཟོ་མཁན་ཞིག་ཡིན་པས། སློབ་འཁྲིད་མ་གནང་བའི་སྔོན་དུ་སློབ་ཕྲུག་གི་ཕྱི་ནང་གསང་གསུམ་གྱི་གནས་ཚུལ་རྒྱུས་ལོན་གནང་དགོས་པ་དང་། འཁྲིད་བྱའི་སློབ་ཚན་གྲ་སྒྲིག་གནང་དགོས་པ། དམིགས་ཡུལ་ཞིག་ཡོད་པའི་སྒོ་ནས་སློབ་འཁྲིད་གནང་དགོས་པ་གསུངས་པར་མ་ཟད། སློབ་ཕྲུག་གི་གྲངས་འབོར་ལ་མ་བལྟོས་པར་ང་ཚོའི་ལག་ཏུ་སློབ་ཕྲུག་ཡོད་པ་དེ་ཚོ་འཐུས་ཤོར་མེད་པར་མི་ཚད་ལྡན་དུ་སྐྱེད་སྲིང་གནང་དགོས་པ། དེ་བཞིན་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་ཁྲིམས་ཡིག་ཟེར་བའི་དམིགས་ཡུལ་སོགས་ཀྱི་སྐོར་ལ་བཀའ་སློབ་དོན་སྙིང་ལྡན་པ་གནང་།


Dr. Sonam Gyaltsen, a member of the Tibetan Education Council and the Education Advisory Committee, visited the school on July 23, 2026, and observed the morning assembly. In his address, he encouraged students to cherish their Tibetan identity, pursue 21st-century knowledge, and prepare themselves to contribute meaningfully to Tibet in the future. He also visited classrooms and various departments to observe the school's teaching and learning activities.


Later, he met with the staff and shared insights into the history and responsibilities of the Tibetan Education Council. He emphasized the important role of teachers in shaping students' minds and encouraged them to understand each student's needs, prepare lessons carefully, teach with clear objectives, and support every learner in developing their full potential.



 
 
 

Comments


bottom of page