Visit of the Honorable Education Kalon
ཟླ་ ༡༠ ཚེས་ ༡༢ ་ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཐོག་དཔལ་ལྡན་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་དང་། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དེང་རབས་ཤེས་ཡོན་དང་མདུན་ལམ་ཚན་པའི་འགན་འཛིན་འཇམ་དབྱངས་དབང་རྒྱལ་མཆོག་གཉིས་སློབ་གྲྭར་འཚམས་གཟིགས་སུ་ཕེབས་ཤིང་། སློབ་ཕྲུག་གི་བྱེད་སྒོ་ཁག་ལ་གསན་གཟིགས་དང་། སྡེ་ཚན་དང་འཛིན་གྲྭའི་སློབ་འཁྲིད་ལ་གཟིགས་ཞིབ་གནང་བར་མ་ཟད། དཔལ་ལྡན་བཀའ་བློན་མཆོག་གིས་སློབ་ཕྲུག་ཚོར་དུས་ཚོད་ཆུད་ཟོས་མ་བཏང་བར་སློབ་སྦྱོང་ལ་ཤུགས་བརྒྱབ་དགོས་པ་དང་། མཐུན་རྐྱེན་ཡག་པོ་ཡོད་པ་ཚུལ་བཞིན་བེད་སྤྱོད་བྱེད་དགོས་པ། སློབ་ཕྲུག་ཕན་ཚུན་འཆམ་མཐུན་དང་གཅིག་ཕན་གཅིག་གྲོགས་བྱེད་དགོས་པ། བོད་ནང་གི་བོད་མིས་ང་ཚོ་ལ་བཅངས་པའི་རེ་བ་སེམས་ལ་བཅངས་ནས་སློབ་སྦྱོང་ལ་དམིགས་བསལ་ཤུགས་སྣོན་བརྒྱབ་དགོས་པ། སློབ་སྦྱོང་བྱེད་པ་དེ་བཞིན་བོད་ཀྱི་འཐབ་རྩོད་ཆེད་ཡིན་པ་ནམ་ཡང་བརྗེད་རྒྱུ་མེད་པ་སོགས་ཀྱི་བླང་དོར་བཀའ་སློབ་སེམས་འགུལ་ཐེབས་པོ་ཞིག་བསྩལ།
On 12th Oct, At 2:00 PM, the Honorable Education Kalon (Minister), Ugyen Tenzin la accompanied by Jamyang Wangyal la , Head of the Modern Education and Counseling Section of the Central Tibetan Administration’s Department of Education accompanied by Lugsum TSO Gelak Jugney la paid visit to the school.
During the visit, the Honorable Kalon and Jamyang Wangyal la observed students’ activities, classrooms, and various departments. The Honorable Kalon also delivered an inspiring address, encouraging students to value time, work hard in their studies, make the best use of available facilities, and foster unity and mutual support. He further reminded students of the hopes of Tibetans inside Tibet and emphasized that education should ultimately serve the Tibetan cause.



Comments