top of page
Search

ཤེས་ཡོན་མཁས་ཆེན་སྐལ་བཟང་དབང་འདུས་མཆོག་གིས་འདི་གའི་དགེ་རྒན་རྣམས་ལ་གནང་བའི་ཟབ་སྦྱོང་གི་མཛད་སྒོའི་སྣང་བརྙན།

Oct 7
1 min read

Updated: 4 days ago

ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་རྒྱབ་ཆུ་ཚོད་ ༢།༠༠ ནས་ ༤།༣༠ བར་ཤེས་ཡོན་སློབ་གསོ་བ་སྐལ་བཟང་དབང་འདུས་ལགས་ཀྱིས་འདི་གའི་དགེ་རྒན་རྣམ་པར་ཟབ་སྦྱོང་དང་ལམ་སྟོན་གཟབ་རྒྱས་གནང་ཡོད། དེའི་ནང་དོན་གཙོ་བོ་ཁག་གཤམ་གསལ་ལྟར་ཡིན།


༡. བྱ་དགའ་དང་ཉེས་ཆད་ཀྱི་དབྱེ་བ།

  • བྱ་དགའ་དང་ཉེས་ཆད་ཀྱི་ཤུགས་རྐྱེན། སློབ་མའི་སྤྱོད་པ་དང་སློབ་སྦྱོང་ལ་སྐུལ་མེད་བྱེད་སྐབས། བྱ་དགའ་སྤྲོད་པ་དང་ཉེས་ཆད་གཏོང་བ་གཉིས་ཀྱིས་སློབ་མའི་སེམས་ཁམས་དང་འཛིན་གྲྭའི་ཁོར་ཡུག་ལ་ཕུགས་རྒྱང་རིང་པོའི་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་མེད་ཞིབ་ཏུ་བརྟག་དགོས། ཕྱི་ལོ་ནས་བྱུང་བའི་སྐུལ་ལྕག་ཁོ་ནར་རྟེན་ཚེ། སློབ་མའི་རང་ངོས་ཀྱི་དོན་གཉེར་དང་ཤེས་འདོད་ཀྱི་བསམ་པ་ཉམས་རྒུད་དུ་འགྲོ་བའི་ཉེན་ཁ་ཡོད།

  • གཞན་པའི་སློབ་གསོའི་ཐབས་ལམ་གོ་རྟོགས་སྤེལ་བ། བྱ་དགའ་དང་ཉེས་ཆད་ཀྱི་ལམ་ལུགས་ཁོ་ནར་མ་བརྟེན་པར། སློབ་མའི་རང་ངོས་ཀྱི་ལྷན་སྐྱེས་ཤེས་འདོད་དང་རང་གཅུན་གྱི་ནུས་པ་གོང་འཕེལ་དུ་གཏོང་བའི་སློབ་གསོའི་ཐབས་ལམ་གསར་པ་དག་ལ་གོ་རྟོགས་སྤེལ་དགོས། དེའི་ནང་སློབ་མར་རྒྱུས་ལོན་བྱེད་པ་དང་། གཏན་ཚིགས་ཅན་གྱི་རྒྱུ་འབྲས་སློབ་སྟོན། རྒྱབ་སྐྱོར་དང་བཟང་ཕྱོགས་ཀྱི་ལམ་སྟོན་གནང་རྒྱུ་བཅས་ཚུད་ཡོད།


༢. ཤེས་ཡོན་སྲིད་བྱུས་ཀྱི་དམིགས་ཡུལ་ལག་ལེན།

བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་སུ་གསལ་བའི་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་བཞི་ལས་ རང་དབང་ དང་ གཞན་ཕན་ གཉིས་འཛིན་གྲྭའི་སློབ་འཁྲིད་ཀྱི་སྐབསུ་སྒྲུབ་ཐབས་ཇི་ལྟར་གནང་དགོས་མིན་ཐད་ལམ་སྟོན་ཁ་གསལ་གནང་ཡོད།

  • རང་དབང་སྒྲུབ་ཐབས། འཛིན་གྲྭའི་ནང་སློབ་མར་རང་རྒྱུད་ཀྱི་བསམ་བློ་གཏོང་བའི་རང་དབང་དང་། དྲི་བ་འདྲི་བའི་རང་དབང་། རང་གི་འདོད་མོས་ལྟར་བསླབ་བྱར་འཇུག་པའི་རང་དབང་བཅས་སྤྲོད་དགོས། དེས་སློབ་མའི་རང་རྐྱེན་ཚུགས་པའི་རྣམ་དཔྱོད་དང་། བརྟག་དཔྱད་ཀྱི་བསམ་བློ་གོང་རིམ་དུ་གཏོང་བར་ཕན་པོ་ཡོད།

  • གཞན་ཕན་སྒྲུབ་ཐབས། ཤེས་ཡོན་ནི་རང་ཉིད་གཅིག་པུའི་ཁེ་ཕན་དང་གྲུབ་འབྲས་ཀྱི་དོན་དུ་མ་ཡིན་པར། སྤྱི་ཚོགས་དང་གཞན་ཕན་གྱི་དོན་དུ་ཡིན་པའི་སློབ་གསོ་འཛིན་གྲྭའི་སློབ་འཁྲིད་དངོས་ཀྱི་ནང་མངོན་གསལ་ཅན་དུ་གཏོང་དགོས། འཛིན་གྲྭའི་ནང་མཉམ་ལས་ཀྱི་སློབ་སྦྱོང་དང་། གཞན་ལ་རྩིས་ཐང་དང་སྙིང་རྗེ་བྱེད་པའི་སློབ་གསོ་བརྒྱུད་ནས་གཞན་ཕན་གྱི་བསམ་པ་དངོས་སུ་སྐྲུན་དགོས།


 
 
 

Comments


bottom of page