top of page
Search

རང་ལོ་ ༡༦ མན་གྱི་སྟོང་བཙན་རྐང་སྤོལ་རྩེད་འགྲན་ཐེངས་གཉིས་པ།

Oct 7
1 min read

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གིས་རང་ལོ་ ༡༦ མན་གྱི་སྟོང་བཙན་རྐང་སྤོལ་རྩེད་འགྲན་དེ་བཞིན་ཕྱི་ཟླ་ ༠༩ ཚེས་ ༢༠ ནས་ ༢༧ བར་བདེ་སླར་རྐང་སྤོལ་རྩེད་ཐང་དུ་གོ་སྒྲིག་ཞུས་ཡོད་ཅིང་། འདི་སློབ་ཀྱི་བུ་དང་བུ་མོ་གཉིས་ཀའི་རྐང་སྤོལ་རུ་ཁག་གིས་རྩེད་འགྲན་དེ་ལ་མཉམ་ཞུགས་གནང་བ་ལས། ང་ཚོ་སློབ་གྲྭའི་བུ་མོའི་རྐང་སྤོལ་རུ་ཁག་ལ་མཐའ་མའི་རྒྱལ་ཁ་ཐོབ་པ་བྱུང་ཡོད། དེ་རིང་གི་ཞོགས་འཛོམས་ཐོག་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གིས་རྩེད་འགྲན་པ་ཡོངས་ལ་གནང་བའི་མཉམ་ཞུགས་ཕྱག་འཁྱེར་དང་། མཉམ་ཞུགས་གནང་བའི་རྟགས་མ། དེ་བཞིན་ཨང་དང་པོ་བླངས་པའི་རྟགས་མ་དང་། ཕྱག་འཁྱེར། གཟེངས་རྟགས་བཅས་སློབ་ཕྲུག་ལ་འབུལ་སྤྲོད་ཞུས། དེ་བཞིན་སློབ་མ་བཀྲ་ཤིས་བྷུ་ཊི་ཡ་ལགས་དང་། བསྟན་འཛིན་འོད་ཟེར་ལགས། དགེ་བསྟན་འཛིན་དབང་དགའ་ལགས། དགེ་བསྟན་འཛིན་ཚེ་དབྱངས་བཅས་བཞི་ཡིས་སློབ་གྲྭའི་རྐང་སྤོལ་རུ་ཁག་གི་ཆེད་དུ་སྐུ་ལས་གང་མང་བསྐྱོན་པར་ཐུགས་རྗེ་ཆེ་ཞུས།


The Tibetan National Sports Association (TNSA) organized the Under-16 Tongtsen Football Tournament from September 20 to 27 at the TDL Football Ground. Our school’s boys' and girls' football teams both participated in the tournament, and our school’s girls' football team emerged victorious as the champions.

During the 29th September morning assembly, the certificates of participation and participation medals awarded by the Tibetan National Sports Association to all players were presented to the students, along with the first-place medals, certificates, and trophy for the champions.

Additionally, heartfelt thanks were expressed to students Tashi Bhutia and Tenzin Woeser, as well as Gen Tenzin Wanga and Gen Tenzin Tseyang, for their dedicated hard work and efforts on behalf of the school’s football team.



 
 
 

Recent Posts

See All
ཤེས་ཡོན་མཁས་ཆེན་སྐལ་བཟང་དབང་འདུས་མཆོག་གིས་འདི་གའི་དགེ་རྒན་རྣམས་ལ་གནང་བའི་ཟབ་སྦྱོང་གི་མཛད་སྒོའི་སྣང་བརྙན།

ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་རྒྱབ་ཆུ་ཚོད་ ༢།༠༠ ནས་ ༤།༣༠ བར་ཤེས་ཡོན་སློབ་གསོ་བ་སྐལ་བཟང་དབང་འདུས་ལགས་ཀྱིས་འདི་གའི་དགེ་རྒན་རྣམ་པར་ཟབ་སྦྱོང་དང་ལམ་སྟོན་གཟབ་རྒྱས་གནང་ཡོད། དེའི་ནང་དོན་གཙོ་བོ་ཁག་གཤམ་གསལ་ལྟར་ཡིན། ༡.

 
 
 

Comments


bottom of page