top of page
Search

Karnataka Rajyotsava Celebration

Writer: STS BYLAKUPPESTS BYLAKUPPE

༄། ། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡ རེས་གཟའ་པ་སངས་ཉིན་ནི་རྒྱ་གར་ཀར་ན་ཊ་ཀ་མངའ་སྡེ་དབུ་བརྙེས་པའི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་མོ་ཡིན་པས། སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ནས་ཉིན་མོ་དེ་ཉིད་སྲུང་བརྩི་ཞུས། ཀར་ནཱ་ཊ་ཀ་མངའ་སྡེའི་དར་ཆ་སྒྲེང་འཛུགས་གནང་རྗེས། དཔལ་ལྡན་སློབ་སྤྱི་མཆོག་ནས་བྱེས་སུ་གནས་པའི་བོད་མི་ཡོངས་ལ་ཀར་ནཱ་ཊ་ཀ་མངའ་སྡེ་འདི་ཉིད་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ་ཡིན་པ་དང་། རྒྱ་གར་གྱི་མངའ་སྡེ་རེའི་སྐད་ཡིག་དང་རིག་གཞུང་ལ་འདི་ཙམ་གྱི་གལ་གནད་དང་བརྩི་མཐོང་ཆེན་པོ་གནང་གི་ཡོད་ན། བོད་ཀྱི་སྐད་ཡིག་དང་རིག་གཞུང་ནི་རྒྱལ་ཁབ་གཅིག་གི་ཡིན་པས་དེ་བས་མི་ཉམས་རྒྱུན་འཛིན་གནང་དགོས་གལ་ཆེའི་སྐོར་གྱི་བཀའ་སློབ་ཟབ་རྒྱས་གནང་།།



 
 

Recent Posts

See All

Comments


bottom of page