top of page
Search

༧སྐུའི་བཀའ་དྲིན་རྗེས་དྲན་

Oct 19, 2021
1 min read

༄། །ཉེ་སྔོན་ཤེས་ཡོན་ལྷན་ཚོགས་ནས་༧སྐུའི་བཀའ་དྲིན་རྗེས་དྲན་གྱི་ལས་གཞིའི་ཁྲོད་ཤེས་ཡོན་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་ཐོག་དགེ་རྒན་དང་སློབ་ཕྲུག་ཚོའི་བོད་ཡིག་འབྲི་རྩོམ་བསྡུ་རུབ་གནང་ཡོད་ལ། འདི་སློབ་ཀྱི་འཛིན་རིམ་བཅུ་གཉིས་ཀྱི་སློབ་མ་བུ་མོ་བསྟན་འཛིན་འོད་ཟེར་དང་། བུ་མོ་བསྟན་འཛིན་ཆོས་དབྱིངས། བུ་མོ་བསྟན་འཛིན་ཟླ་སྒྲོན་བཅས་ཀྱི་འབྲི་རྩོམ་ལེགས་གྲས་སུ་འདེམས་ཐོན་བྱུང་བར། ཤེས་ཡོན་ལྷན་ཚོགས་ནས་རྩོམ་ཡོན་ཕྲན་བུ་རེ་འབྱོར་སོན་བྱུང་བ་སློབ་གྲྭའི་སློབ་སྤྱི་མཆོག་ནས་གསོལ་བསྩལ་གནང་ཞིང་སློབ་ཕྲུག་ཚོར་བོད་ཡིག་འབྲི་རྩོམ་མུ་མཐུད་ནས་གནང་དགོས་པ། དེ་བཞིན་བོད་ཡིག་འབྲི་རྩོམ་ཡར་རྒྱས་གཏོང་ཕྱོགས་ཀྱི་བཀའ་སློབ་ཟབ་རྒྱས་གནང་།།





 
 
 

Recent Posts

See All
ཤེས་ཡོན་མཁས་ཆེན་སྐལ་བཟང་དབང་འདུས་མཆོག་གིས་འདི་གའི་དགེ་རྒན་རྣམས་ལ་གནང་བའི་ཟབ་སྦྱོང་གི་མཛད་སྒོའི་སྣང་བརྙན།

ཕྱི་ཟླ་ ༡༠ ཚེས་ ༣༠ ཉིན་རྒྱབ་ཆུ་ཚོད་ ༢།༠༠ ནས་ ༤།༣༠ བར་ཤེས་ཡོན་སློབ་གསོ་བ་སྐལ་བཟང་དབང་འདུས་ལགས་ཀྱིས་འདི་གའི་དགེ་རྒན་རྣམ་པར་ཟབ་སྦྱོང་དང་ལམ་སྟོན་གཟབ་རྒྱས་གནང་ཡོད། དེའི་ནང་དོན་གཙོ་བོ་ཁག་གཤམ་གསལ་ལྟར་ཡིན། ༡.

 
 
 

Comments


bottom of page