top of page
Search

ཤེས་ཡོན་རྟོག་ཞིབ་ཀྱི་བྱེད་སྒོ།

འདི་གའི་སློབ་གྲྭར་དཔལ་ལྡན་སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་གཞོན་པ་བསྟན་འཛིན་ངག་སྒྲོན་མཆོག་དང་། ཤེས་ཡོན་འགན་འཛིན་གཞོན་པ་ངག་དབང་ཚེ་བརྟན་མཆོག བརྡ་འཕྲིན་འཕྲུལ་ལས་སློབ་སྟོན་པ་ཚེ་དབང་ནོར་བུ་མཆོག་བཅས་གསུམ་ཤེས་ཡོན་རྟོག་ཞིབ་ཏུ་ཆེད་ཕེབས་གནང་ཡོད་ཅིང་། འདི་ཟླའི་ཕྱི་ཚེས་ ༡༡ ཉིན་སྔ་དྲོའི་ལས་རིམ་ཁག་ལ་གཟིགས་ཞིབ་དང་། སློབ་ཕྲུག་རྣམས་ལ་ལམ་སྟོན་གསུང་བཤད། འཛིན་གྲྭའི་སློབ་འཁྲིད་བཅས་ལ་རྟོག་ཞིབ་གནང་། ཕྱི་ཚེས་ ༡༢ ཉིན་སྔ་དྲོའི་དཔེ་ཀློག་དང་། དགེ་རྒན་གྱི་སློབ་འཁྲིད་འཆར་འགོད། ཟོག་དེབ་བཅས་ལ་གཟིགས་ཞིབ་དང་། སྡེ་ཚན་ཁག་ལ་གཟིགས་སྐོར་གནང་བར་མ་ཟད། ཉིན་རྒྱབ་ཆུ་ཚོད་ ༢།༣༠ ནས་ ༤།༠༠ བར་ཁོང་རྣམ་པ་གསུམ་གྱིས་དགེ་ལས་རྣམ་པར་ཉན་ན་རྣ་ལ་སྙན་ཞིང་། བསམ་ན་བློ་ལ་འགྲོ་བའི་ལེགས་སྤེལ་ཉེས་འགོག་གི་གསུང་བཤད་གནང་ནས་ཐེངས་འདིའི་ཤེས་ཡོན་རྟོག་ཞིབ་ཀྱི་ལས་རིམ་དེ་བཞིན་ལེགས་པར་གྲུབ།




 
 
 

Comments


bottom of page